Thursday, October 16, 2014

ལེ་དབར།

ལེ་དབར།
               འོ་ཅོག་བྱས་མོང་།  ༼ ལྷོ་ཁ། ༽

ཁྱོད་ལ་མེ་ཏོག་ག་ཙམ་བསྐུར་ཡང་དེ་ལྟར་རྙིད་དུ་བཅུག
ཁྱོད་ཀྱི་སྐད་ཆར་ཇི་ཙམ་ཉན་ཡང་དེ་ལྟར་རྣ་རྒྱབ་ཏུ་ལུས

བདག་ལ་གསུངས་དང  
ལྗང་མདོག་གི་རི་ཚོགས་གང་དུ་འགྱིང་ཡོད
རི་ཚོགས་ཀྱི་རྨི་ལམ་གང་དུ་སྦྲུམ་ཡོད
སོས་དུས་ཀྱི་སེམས་པ་གང་དུ་འཁོར་ཡོད

ཁང་ཆུང་སྟོང་བ་འདིའི་ནང
འཕག་ལྡིང་གི་གློ་མཆིན་དལ་དུས་ཤིག་ཨེ་ཡོད
ཁང་ཆུང་གོག་རོ་འདིའི་ནང
རྣམ་ཤེས་ཀྱི་དབུགས་རྒྱུ་སེང་དུས་ཤིག་ཨེ་ཡོད
 ༢༠༡༡ལོའི་ཟླ་༦ཚེས་༡༢ཉིན་བྲིས།

ཤར་ལོགས་ཨོང་དོང་།

ཤར་ལོགས་ཨོང་དོང་།
                         འོ་ཅོག་བྱས་མོང་།   ༼ ལྷོ་ཁ། ༽
ཤར་ལོགས་ཨོང་དོང་ནས
ཐོན་མི་ཟེར་བ་ཞིག་གིས་རྡོ་ལ་ས་ཡི་རི་མོ་བྲིས་པས
ཁ་བའི་ཡུལ་དུ་རི་དང་སྒང་དང་གཤོངས་ཀྱི
སྣོད་ཀྱི་ཆཊ་སྟངས་ལ་སྒང་བ་བོད་ཅེས་ཐོཊ

ཤར་ལོགས་ཨོང་དོང་ནས
སྡེ་པ་གཞུང་ལ་འབྲུ་ཁྲལ་མར་ཁྲལ་ཚད་དུ་གཞལ་བས
བཀའ་རྒྱུད་པ་ཐམས་ཅད་ཀྱི་མགོ་དཔོན་དྲུག་ཏུ་གྱེས
ནང་གི་གྲུབ་ཚུལ་ལ་རི་བོ་རྩེའམ་ལྷུན་གྱི་ཏོག་ལ་འབོད

ཤར་ལོགས་ཨོང་དོང་ནས
ཨ་མ་ཞིག་ལ་བུ་ཕྲུག་བརྒྱ་ལ་བཙས་པའི་རྔ་གཏིང་དུ
རི་དྭཊ་ཤིག་གིས་རྩྭ་མི་ཟ་བར་ཁྲག་འཐུང་གིན་འདུག་ཟེར
                ༢༠༡༤ལོའི་ཟླ་༡༠ཚེས་༩ཉིན་དགོང་མོར་ཕ་ཡུལ་དྲན་པས།    

བུ་མོ་གཡང་མཚོའི་གསང་བ་ཕྲ་མ་ཕྲིལ།

བུ་མོ་གཡང་མཚོའི་གསང་བ་ཕྲ་མ་ཕྲིལ།
               མངའ་རིས་སུ་སོང་བའི་སློབ་གྲོཊ་བུ་མོ་ཞིག་གི་ཁ་པར་ཉན་རྗེས།
                        འོ་ཅོག་བྱས་མོང་།   ༼ ལྷོ་ཁ། ༽

མངའ་རིས་ཀྱི་གུ་གེའི་གནའ་ཤུལ་འོག་ཏུ
བུ་མོ་ཞིག་གི་ནུ་འབུར་གནམ་ལ་གྱེན་ཏེ
རི་བོའི་ལྟོས་ལ་ཁེངས་པ་སྟེར་བཞིན་ཡོད

ཨ་མ་ལགས     བུ་མོ་ངས་ས་མཐའ་ནས
གནམ་གྱི་ཕྱེད་ཀ་ཐེགས་བཞིན་མ་ཐེགས་སུ
ཁྱེད་ཀྱི་བྲང་ཁར་ལོག་འདོད་དེ་ལྟར་ཆེ

བུ་མོར་འཁོར་འཕྲུལ་ཤིང་རྟ་ཞིག་བསྩལ་དང
ས་ཆེན་ནི་ཐམས་ཅད་ཀྱི་དབང་པོ་ཡིན་ན
མངའ་རིས་ནས་ད་ལྷ་ས་བར
བདག་གི་འགྲུལ་རོགས་སུ་མི་ཞིག་གཏོང་དང

བུ་མོ་ང     ཕ་ཡུལ་དང་གྱེས་པའི་ཆར་དུས་དེར
བྲང་གཞུང་དུ་དཔྱང་བ་ནི་ཁོང་གི་མིག་ཆུ་དང
ཨ་མའི་བུ་ལོ་རིན་ཆེན་ནོར་གྱིས་ངུ་སྐད་ཡིན
ལོ་ཟླ་འདི་དག་གི་རིང་ལ
ཁྱེད་གཉིས་ལ་ཆད་པ་མང་ཅིངལྷག་པ་ཅི་ཡང་མེད་ན
གུས་མོས་མངའ་རིས་ནས་གནམ་གྱི་ཕྱེད་ཀ་དབྲལ་ཏེ
ཁྱེད་གཉིས་ལ་ཡིག་ཟམ་དུ་བསྐུར་ཆོག                           
 ༢༠༡༤ལོའི་ཟླ་༧ཚེས་༢༢ཉིན་བྲིས།
༄༅། །དཔལ་ལྡན་ྋམི་རྗེ་གཞིས་དབུ་མཆོག་ལ།
                                                                                                  ཆེད་ཞུ། 
དགེ་བཤེས་བཀྲིས་ནོར་བུ་ཉེ་ལམ་གློ་བུར་འདས་གྲོངས་སོང་བར་འདས་པོའི་དངུལ་ཁང་ལག་དེབ་དེབ་སྐྱེལ་ཨང་།

སྐྱབས་ཐོ་འབྲི་སྟངས།


༄༅།། སྐྱབས་གནས་མཁས་མང་འདུས་པ་རྒྱ་མཚོ་དང་ཡི་དམ་ཆོས་སྲུང་བཅས་གདན་འཛོམས་པའི་ཁྲིའི་དྲུང་དུ།

                                                          
                                                                སྒོ་གསུམ་རབ་གུས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཞུ་གསོལ་འདེབས་སྙིང༌། དེ་ཡང་ལྷར་བཅས་འགྲོ་བ་ཡོངས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་སྒོ་གཅིག་པུ་ཀུན་མཁྱེན་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང༌།